Saturday, July 19, 2014

རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས།

༈ ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས་སམ། ཡོངས་གྲགས་སུ་ཁམས་འགྲེལ་དུ་གྲགས་པ་འདི་ནི། ངེས་དོན་གྱི་པཎྜི་ཏ་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་ཀྱི་སྟེང་ནས་གསུང་བཤད་གནང་བའི་ཟིན་བྲིས་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་ཞིང་། འདི་ནི་སྙན་ངག་མེ་ལོང་གི་འགྲེལ་བའི་ནང་ནས་རྒྱས་ཤོས་དང་། སྔ་འགྲེལ་རྣམས་ལས་ཆེས་གསལ་ཞིང་ལེགས་བཤད་ཆེ་བ་སོགས། དམིགས་བསལ་ཁྱད་ཆོས་དུ་མས་ཕྱུག་པའི་སྙན་འགྲེལ་འདིའི་དཔེ་རྒྱུན་ཅུང་དཀོན་པར་སྣང་བས། སྙན་ངག་ལ་སྦྱོང་བརྩོན་གནང་མཁན་དང་དོན་གཉེར་ཅན་རྣམས་ཀྱི་ཆེད་དུ་འཕྲུལ་དེབ་ལ་བསྒྲིགས་ཡོད།

3 comments:

Gyaton Tenzin Ghegay said...

ལེགས་གསོ་ཡོད།

Gyaton Tenzin Ghegay said...
This comment has been removed by the author.
Geshe Lobsang Tshultrim said...

བློ་བཟང་དབང་ལྡན་ལགས། སྐུ་ཉིད་ཀྱི་འཕྲིན་འདི་བཟོ་གནང་བ་ཐུགས་རྗེ་ཆེ་ཞེས་ཞུ། ཕན་ཐོགས་ཆེན་པོ་བྱུང་། ད་རེས་བཀའ་འདྲི་གཅིག་ཞུས་ཆོག་པ་ཞུ། གལ་སྲིད་ཕྲན་གྱི་་computer གློག་ཀླད་བརྒྱུད་འཕྲིན་སྟེགས་འདི་བཞིན་ཐོག་བོད་ཡིག་ཕབ་ལེན་དང་། བཀོལ་སྤྱོད་བྱེད་སྟངས་སྐོར་ལམ་སྟོན་ཅིག་གནང་རོགས་ཞུ། ཕྲན་རང་གི་Blog འཕྲིན་སྟེགས་ནང་བོད་ཡིག་ཕབ་ལེན་དང་བཀོལ་སྤྱོད་བྱེད་འདོད་་ཡོད་རུང་། ད་བར་ཐབས་ཤེས་རྙེད་མ་བྱུང་།