Wednesday, July 1, 2015

ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པའི་སུམ་རྟགས་བཤད་སྦྱར་མཁས་པའི་ལེགས་བཤད་གཅེས་བསྡུས།


 སེར་སྨད་འདུལ་སྡོམ་བློ་གསལ་མགུ་བ་བསྐྱེད་པའི་ངོ་མཚར་འཕྲུལ་གྱི་མེ་ལོང་མཛད་པ་པོ་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་གསུང་རྩོམ་ཡུལ་གངས་ཅན་པའི་སྐད་ཀྱིས་བརྡ་སྤྲོད་པའི་གཞུང་ཀུན་གྱི་ཕྱི་མོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བཤད་སྦྱར་མཁས་པའི་ལེགས་བཤད་གཅེས་བསྡུས་ཞེས་བྱ་བ་འདི་ནི་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དྲུང་ནས་སུམ་རྟགས་ཀྱི་མཛུབ་ཁྲིད་ཞིབ་རྒྱས་གསན་སྐབས་ཟིན་བྲིས་སུ་བཀོད་ཅིང་། སླར་ཡང་སི་ཏུའི་འགྲེལ་ཆེན་དང་། པྲ་ཏིའི་སུམ་རྟགས་སོགས་སུམ་རྟགས་ཀྱི་འགྲེལ་བ་མང་པོར་ཞིབ་འཇུག་བརྟག་དཔྱད་གནང་བའི་མཇུག་བསྡོམས་སུ་མཛད་པས། སྔོན་བྱོན་བོད་ཀྱི་མཁས་པ་སྤྱི་དང་། ལྷག་པར་མཁས་པའི་དབང་པོ་པྲ་ཏི་དང་། སི་ཏུ་པཎ་ཆེན་རྣམ་གཉིས་ཀྱི་དགོངས་བཅུད་གཅིག་ཏུ་བསྡུས་པའི་ལེགས་བཤད་ཁྱད་དུ་འཕགས་པ་ཞིག་ཡིན།

No comments: